མདོ་རྒྱུད།
ཀྱེའི་རྡོ་རྗེའི་རྒྱུད།
ཀྱེའི་རྡོ་རྗེའི་རྒྱུད་ནི། གསང་སྔགས་གསར་མའི་རྒྱུད་ཀྱི་ནང་གསེས་རྫོགས་རིམ་གཙོ་བོར་སྟོན་པའི་མ་རྒྱུད་ཞིག་སྟེ། མཚན་གཞན་དགྱེས་པ་རྡོ་རྗེ་ཞེས་ཀྱང་ཞུ་བ་དང་། རྒྱ་གར་དུ་དུས་རབས་ ༡༠ པའི་འགོ་ཙམ་ལ་དར་ཞིང་། རྩ་རྒྱུད་ཤོ་ལོ་ཀ་ ༥༠༠༠༠་ ཡོད་པར་འདོད་ཀྱང་། ད་ལྟ་བརྟག་པ་གཉིས་ལས་མེད་པས། བརྟག་གཉིས་ཞེས་ཀྱང་གྲགས། འདི་ལ་བོད་དུ་བརྒྱུད་ཚུལ་མང་དུ་ཡོད་ཅིང་གཙོ་བོར་ས་སྐྱ་དང་བཀའ་བརྒྱུད་པའི་ཆོས་བརྒྱུད་དུ་དར་ཁྱབ་འབྱུང་ཡོད་ལ། རྒྱུད་འདིར་ནང་ཆོས་ཀྱི་ལྟ་སྒོམ་གྱི་དོན་ཚན་སྤྱིར་བཏང་དང་། གསང་སྔགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་རྣམ་བཞག་ཡོད་པ་མ་ཚད། རྩ་རླུང་ཐེག་ལེའི་སྐོར་དང་། དགའ་བ་བཞི་ལ་སོགས་བསྟན་ཡོད་པ་ཡིན།
RKTSK 417;kye'i rdo rje zhes bya ba rgyud kyi rgyal po;ཀྱེའི་རྡོ་རྗེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ།;Hevajratantrarāja;大悲空智金剛大教王儀軌經;ཀྱེའི་རྡོ་རྗེའི་རྒྱུད།
རིག་པ་རང་ཤར་ཆེན་པོའི་རྒྱུད།
རྒྱུད་འདི་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་རིག་པ་དང་། འོད་གསལ། དེ་བཞིན་དུ་ལུས་ཀྱི་འབྱུང་བའི་ཐིམ་རིམ་སོགས་བཀོད་ཡོད་པ་ཡིན།
RKTSG 51;Dzogchen;de bzhin gshegs pa thams kyi ting nge 'dzin yongs su bshad pa / ye shes 'dus pa'i mdo / theg pa chen po / gsang ba bla na med pa'i rgyud / chos thams cad kyi 'byung gnas / sangs rgyas thams cad kyi dgongs pa / gsang sngags gcig pa'i ye shes / rdzogs pa chen po'i don gsal bar byed pa'i rgyud / rig pa rang shar chen po'i rgyud;དེ་བཞིན་གཤེགས་པ་ཐམས་ཀྱི་ཏིང་ངེ་འཛིན་ཡོངས་སུ་བཤད་པ་།་ཡེ་ཤེས་འདུས་པའི་མདོ་།་ཐེག་པ་ཆེན་པོ་།་གསང་བ་བླ་ན་མེད་པའི་རྒྱུད་།་ཆོས་ཐམས་ཅད་ཀྱི་འབྱུང་གནས་།་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་།་གསང་སྔགས་གཅིག་པའི་ཡེ་ཤེས་།་རྫོགས་པ་ཆེན་པོའི་དོན་གསལ་བར་བྱེད་པའི་རྒྱུད་།་རིག་པ་རང་ཤར་ཆེན་པོའི་རྒྱུད།;རིག་པ་རང་ཤར་ཆེན་པོའི་རྒྱུད།
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད།
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་ཆོས་ཉིད་དང་རིག་པ་དང་འོད་གསལ་སོགས་བཀོད་ཡོད་པ་ཡིན།
RKTSG 55;Dzogchen;rin po che 'byung bar byed pa sgra thal 'gyur chen po'i rgyud;རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད།;རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད།
བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད།
བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་གཞི་འོད་གསལ་རིག་པའི་དབྱིངས་གཞོན་ནུ་བུམ་པའི་སྐུ་ལས་སྣ་ཚོགས་པའི་སྣང་བ་རྣམས་ཇི་ལྟར་ཤར་བའི་ཚུལ་མི་འདྲ་བ་རྣམས་རྒྱས་པར་གསུངས་ཡོད་པ་ཡིན།
RKTSG 56;Dzogchen;bkra shis mdzes ldan chen po'i rgyud;བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད།;བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད།
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད།
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་བདེ་གཤེགས་སྙིང་པོའམ་འོད་གསལ་བའི་ཆོས་ཉིད་ལས་སྣ་ཚོགས་ཀྱི་སྣང་བ་ཤར་ཚུལ་སོགས་བསྟན་ཡོད།
RKTSG 58;Dzogchen;kun tu bzang po thugs kyi me long gi rgyud;ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད།;ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད།
རྡོ་རྗེ་སེམས་དཔའ་སྙིང་གྱི་མེ་ལོང་གི་རྒྱུད།
རྡོ་རྗེ་སེམས་དཔའ་སྙིང་གྱི་མེ་ལོང་གི་རྒྱུད་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་བདེ་གཤེགས་སྙིང་པོ་གཟུགས་ཀྱི་ཕུང་པོའི་སྙིང་གི་དབུས་སུ་འོད་ལྔའི་ཀློང་ན་བུམ་པའི་སྐུ་ལྟ་བུར་ཡོད་ཚུལ་དང་། དེ་ལ་ཞི་བའི་ལྷ་ཚོགས་ཀྱིས་བསྐོར་བ་དང་། ཡེ་ཤེས་འཕྲོས་པས་ཀླད་པ་དུང་ཁང་དུ་ཁྲོ་བོའི་ལྷ་ཚོགས་ཤར་ཚུལ་སྐོར་གསུངས་ཡོད།
RKTSG 57;Dzogchen;rdo rje sems dpa' snying gi me long gi rgyud;རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད།;རྡོ་རྗེ་སེམས་དཔའ་སྙིང་གྱི་མེ་ལོང་གི་རྒྱུད།