Tibetan

From Buddha-Nature
No edit summary
No edit summary
Line 14: Line 14:
༈ ནམ་མཁའི་(བྱང་ཆུབ་)རང་བཞིན་འོད་གསལ་ནི།། སྒྲིབ་པའི་སྤྲིན་དང་བྲལ་བའི་དུས།། རང་བྱུང་ཡེ་ཤེས་ཉི་མ་ཤར།། ཐུགས་རྗེས་གཞན་གྱི་སྒྲིབ་པ་སེལ།། ཆོས་སྐུ་དེ་བཞིན་ཉིད་དང་རིགས།། སྐུ་གསུམ་རང་ས་ཟིན་པ་ཡིས།། དབྱིངས་དང་ཡེ་ཤེས་སྤངས་པ་གསུམ།། དབྱེར་མེད་ངོ་བོར་རྫོགས་སངས་རྒྱས།། གདུལ་བྱའི་རྒྱུད་ཀུན་གྲོལ་བར་མཛོད།། རྟོག་བྲལ་ནམ་མཁའི་མཚན་ཉིད་འཛིན།། ཆོས་སྐུ་ཟབ་པའི་མཐར་ཐུག་པས།། ལོངས་སྐུ་ཡོན་ཏན་ཐམས་ཅད་རྫོགས།། སྤྲུལ་སྐུ་འགྲོ་དོན་ཐུགས་རྗེས་མཛད།། འགྲོ་ལ་ཕན་བདེ་རྟག་ཏུ་འཇུག། རྟོག་པའི་ཡུལ་མིན་བློ་ལས་འདས།། (ཡོན་ཏན་)སེམས་ཉིད་ཡིད་བཞིན་ནོར་བུ་འདི།། རྣམ་རྟོག་དྲི་མ་བྲལ་དུས་ན།། སྟོབས་བཅུའི་འོད་ཀྱིས་མ་རིག་འཛོམས།། མི་འཇིགས་དོན་གྱི་སེང་གེ་འདི།། མ་འདྲེས་ནམ་མཁའི་ཡོན་ཏན་དབྱིབས།། རང་དོན་ཆོས་སྐུ་རྫོགས་པ་ཡི།། གདུལ་བྱ་རང་རྒྱུད་དག་པ་ལ།། ཡེ་ཤེས་ཆེན་པོའི་རང་སྣང་ནི།། གཟུགས་སྐུ་སྣང་བ་རང་བཞིན་མེད།། ཡིད་བཞིན་ནོར་བུ་ལྟ་བུར་སྣང་།། ༈ སྐུ་གསུམ་(འཕྲིན་ལས་)ལྷུན་གྱིས་གྲུབ་པ་ཡི།། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱིས།། འགྲོ་བ་རང་སེམས་དྲི་མེད་ལ།།'''(༤ བ་)''' སངས་རྒྱས་འཕྲིན་ལས་སྣ་ཚོགས་བྱུང།། ལམ་ལྔ་རྒྱུད་ལ་བསྐྱེད་པར་མཛད།། འོན་ཀྱང་རྟོག་བྲལ་རིན་པོ་ཆེས།། འགྲོ་བའི་དོན་མཛད་འཕྲིན་ལས་འཇུག། རྣམ་རྟོག་བློ་བུར་གྱི་དྲི་མ་དང་བྲལ་བའི་པྲ་ཁྲིད་བཞི་པའོ།།
༈ ནམ་མཁའི་(བྱང་ཆུབ་)རང་བཞིན་འོད་གསལ་ནི།། སྒྲིབ་པའི་སྤྲིན་དང་བྲལ་བའི་དུས།། རང་བྱུང་ཡེ་ཤེས་ཉི་མ་ཤར།། ཐུགས་རྗེས་གཞན་གྱི་སྒྲིབ་པ་སེལ།། ཆོས་སྐུ་དེ་བཞིན་ཉིད་དང་རིགས།། སྐུ་གསུམ་རང་ས་ཟིན་པ་ཡིས།། དབྱིངས་དང་ཡེ་ཤེས་སྤངས་པ་གསུམ།། དབྱེར་མེད་ངོ་བོར་རྫོགས་སངས་རྒྱས།། གདུལ་བྱའི་རྒྱུད་ཀུན་གྲོལ་བར་མཛོད།། རྟོག་བྲལ་ནམ་མཁའི་མཚན་ཉིད་འཛིན།། ཆོས་སྐུ་ཟབ་པའི་མཐར་ཐུག་པས།། ལོངས་སྐུ་ཡོན་ཏན་ཐམས་ཅད་རྫོགས།། སྤྲུལ་སྐུ་འགྲོ་དོན་ཐུགས་རྗེས་མཛད།། འགྲོ་ལ་ཕན་བདེ་རྟག་ཏུ་འཇུག། རྟོག་པའི་ཡུལ་མིན་བློ་ལས་འདས།། (ཡོན་ཏན་)སེམས་ཉིད་ཡིད་བཞིན་ནོར་བུ་འདི།། རྣམ་རྟོག་དྲི་མ་བྲལ་དུས་ན།། སྟོབས་བཅུའི་འོད་ཀྱིས་མ་རིག་འཛོམས།། མི་འཇིགས་དོན་གྱི་སེང་གེ་འདི།། མ་འདྲེས་ནམ་མཁའི་ཡོན་ཏན་དབྱིབས།། རང་དོན་ཆོས་སྐུ་རྫོགས་པ་ཡི།། གདུལ་བྱ་རང་རྒྱུད་དག་པ་ལ།། ཡེ་ཤེས་ཆེན་པོའི་རང་སྣང་ནི།། གཟུགས་སྐུ་སྣང་བ་རང་བཞིན་མེད།། ཡིད་བཞིན་ནོར་བུ་ལྟ་བུར་སྣང་།། ༈ སྐུ་གསུམ་(འཕྲིན་ལས་)ལྷུན་གྱིས་གྲུབ་པ་ཡི།། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱིས།། འགྲོ་བ་རང་སེམས་དྲི་མེད་ལ།།'''(༤ བ་)''' སངས་རྒྱས་འཕྲིན་ལས་སྣ་ཚོགས་བྱུང།། ལམ་ལྔ་རྒྱུད་ལ་བསྐྱེད་པར་མཛད།། འོན་ཀྱང་རྟོག་བྲལ་རིན་པོ་ཆེས།། འགྲོ་བའི་དོན་མཛད་འཕྲིན་ལས་འཇུག། རྣམ་རྟོག་བློ་བུར་གྱི་དྲི་མ་དང་བྲལ་བའི་པྲ་ཁྲིད་བཞི་པའོ།།
༈ ལས་དང་ཉོན་མོངས་སྡུག་བསྔལ་གསུམ།། གཞི་མེད་རང་བཞིན་སྟོང་པར་གསུངས།། སངས་རྒྱས་སྙིང་པོ་ཁམས་ཡོད་དུ།། རྒྱལ་བས་གསུངས་པའི་དགོངས་པ་ཡིས།། རང་(ཞུམ་པ་)སེམས་སངས་རྒྱས་རྒྱུ་མིན་ན།། (ལས་ཀྱི་དགོས་)ལམ་ལ་འབད་པར་མི་གྲོལ་ཞིང་།། རང་སེམས་རང་བྱུང་ཡེ་ཤེས་ཉིད།། དུས་གསུམ་སངས་རྒྱས་རྒྱུ་ཡིན་པར།། རྟོགས་པས་བྱང་ཆུབ་ཐོབ་པ་ཡི།། ལམ་ལ་འབད་རྩོལ་སྤྲོ་བ་བསྐྱེད།། (མཉེས་པ་)ཀུན་རྫོབ་བྱང་ཆུབ་སེམས་ལྡན་པས།། གཞན་ལ་མཉེས་པའི་བློ་དང་ལྡན།། (གུས་པ་)ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། རང་བྱུང་ཡེ་ཤེས་མ་བཅོས་པར།། ཡིད་བཞིན་ནོར་བུ་ཡོན་ཏན་བཞིན།། རྟག་ཏུ་སངས་རྒྱས་ཉིད་དུ་གནས།། (ཉེས་པ་འཛིན་པ་)ནད་དང་དབུལ་དང་སྤྱོད་པ་ཉམས།། སེམས་ཅན་རྣམས་སྐྱོན་གྲངས་ལས་འདས།། རྣམ་རྟོག་(རྟོག་པ་དངོས་མེད་)དངོས་མེད་ནམ་མཁའ་བཞིན།། བདེན་འཛིན་ཞེན་པ་མ་བྱེད་པར།། སེམས་ཉིད་རང་བྱུང་ཡེ་ཤེས་ཉིད།། རྣམ་རྟོག་ངོས་བཟུང་བྲལ་བར་ལྟོས།། (བདག་ཆགས་པ་)རྣམ་རྟོག་(རྦ་ཡོད་པ་)དངོས་པོར་ཞེན་པ་ཡིས།། རང་བྱུང་ཡེ་ཤེས་ཆེན་པོ་སྤངས།། རང་སེམས་འོད་གསལ་ཆོས་ཀྱི་སྐུ།། རྟོག་བྲལ་(ཡེ་ཤེས་རང་བཞིན་)རང་བཞིན་ཡེ་ཤེས་འདི།། བློས་བྱས་མ་ཡིན་སངས་རྒྱས་ཀྱི།། སྙིང་པོ་སེམས་ཀྱི་དོན་ལ་ལྟོས།། སངས་རྒྱས་ཀྱི་ཡེ་ཤེས་ཉིད།། རང་གི་བློ་ཡིས་མེད་པར་བྱས།། (བྱམས་པ་ཆེན་)བདག་དང་གཞན་གྱི་རྒྱུད་འདི་་་།། གཅིག་དང་དུ་མ་བྲལ་བ་ཡིས།། རང་བྱུང་ཡེ་ཤེས་གཞིར་གནས་པས།། དོན་མ་རྟོགས་པ་སྙིང་རྗེ་སྐྱེ།། མི་རྟོག་པའི་ཡེ་ཤེས་ཆེན་པོའི་པྲ་ཁྲིད་ལྔ་པ་རྫོགས་སོ།།(སྨན་ལ་སྤྲ་ཁྲིད་འདུག་པ་ལྟར་སྦྱར་བའི་གདམས་ངག་འདི་ཡིན་གསུང་།) ཨཱིཐཱི།
༈ ལས་དང་ཉོན་མོངས་སྡུག་བསྔལ་གསུམ།། གཞི་མེད་རང་བཞིན་སྟོང་པར་གསུངས།། སངས་རྒྱས་སྙིང་པོ་ཁམས་ཡོད་དུ།། རྒྱལ་བས་གསུངས་པའི་དགོངས་པ་ཡིས།། རང་(ཞུམ་པ་)སེམས་སངས་རྒྱས་རྒྱུ་མིན་ན།། (ལས་ཀྱི་དགོས་)ལམ་ལ་འབད་པར་མི་གྲོལ་ཞིང་།། རང་སེམས་རང་བྱུང་ཡེ་ཤེས་ཉིད།། དུས་གསུམ་སངས་རྒྱས་རྒྱུ་ཡིན་པར།། རྟོགས་པས་བྱང་ཆུབ་ཐོབ་པ་ཡི།། ལམ་ལ་འབད་རྩོལ་སྤྲོ་བ་བསྐྱེད།། (མཉེས་པ་)ཀུན་རྫོབ་བྱང་ཆུབ་སེམས་ལྡན་པས།། གཞན་ལ་མཉེས་པའི་བློ་དང་ལྡན།། (གུས་པ་)ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། རང་བྱུང་ཡེ་ཤེས་མ་བཅོས་པར།། ཡིད་བཞིན་ནོར་བུ་ཡོན་ཏན་བཞིན།། རྟག་ཏུ་སངས་རྒྱས་ཉིད་དུ་གནས།། (ཉེས་པ་འཛིན་པ་)ནད་དང་དབུལ་དང་སྤྱོད་པ་ཉམས།། སེམས་ཅན་རྣམས་སྐྱོན་གྲངས་ལས་འདས།། རྣམ་རྟོག་(རྟོག་པ་དངོས་མེད་)དངོས་མེད་ནམ་མཁའ་བཞིན།། བདེན་འཛིན་ཞེན་པ་མ་བྱེད་པར།། སེམས་ཉིད་རང་བྱུང་ཡེ་ཤེས་ཉིད།། རྣམ་རྟོག་ངོས་བཟུང་བྲལ་བར་ལྟོས།། (བདག་ཆགས་པ་)རྣམ་རྟོག་(རྦ་ཡོད་པ་)དངོས་པོར་ཞེན་པ་ཡིས།། རང་བྱུང་ཡེ་ཤེས་ཆེན་པོ་སྤངས།། རང་སེམས་འོད་གསལ་ཆོས་ཀྱི་སྐུ།། རྟོག་བྲལ་(ཡེ་ཤེས་རང་བཞིན་)རང་བཞིན་ཡེ་ཤེས་འདི།། བློས་བྱས་མ་ཡིན་སངས་རྒྱས་ཀྱི།། སྙིང་པོ་སེམས་ཀྱི་དོན་ལ་ལྟོས།། སངས་རྒྱས་ཀྱི་ཡེ་ཤེས་ཉིད།། རང་གི་བློ་ཡིས་མེད་པར་བྱས།། (བྱམས་པ་ཆེན་)བདག་དང་གཞན་གྱི་རྒྱུད་འདི་་་།། གཅིག་དང་དུ་མ་བྲལ་བ་ཡིས།། རང་བྱུང་ཡེ་ཤེས་གཞིར་གནས་པས།། དོན་མ་རྟོགས་པ་སྙིང་རྗེ་སྐྱེ།། མི་རྟོག་པའི་ཡེ་ཤེས་ཆེན་པོའི་པྲ་ཁྲིད་ལྔ་པ་རྫོགས་སོ།།(སྨན་ལ་སྤྲ་ཁྲིད་འདུག་པ་ལྟར་སྦྱར་བའི་གདམས་ངག་འདི་ཡིན་གསུང་།) ཨཱིཐཱི།
ཆོས་འདིའི་ལོ་རྒྱུས་ནི་པནྜིཏ་ཆེན་པོ་བྱམས་(རྒྱལ་བ་བྱམས་པའི་་ཆོས་༢་ཡོད་པའི་)པའི་མགོན་པོ་ཞེས་བྱ་བ་མ་ག་དྷའི་དགོན་པ་གཅིག་ན་བཞུགས་པ་ལ། རྨི་ལམ་(༥ ན་)དུ་ (བཙུན་པ་གདུགས་དཀར་པོ་གཅིག་ཕུབ་ནས་ལྷའི་འཁོར་མང་པོ་དང་འདུག་)ཙན་དན་གྱི་མཆོད་རྟེན་ཁྲི་འཕང་བཞི་པ་གཅིག་གི་ནང་དུ་རྒྱུད་བླ་མ་དང་། ཆོས་ཉིད་ཀྱི་གདམས་ངག་གཉིས་བཅུག་ནས་བྱམས་པ་དངོས་ཀྱིས་ངོ་སྤྲོད་བྱས་ཏེ། སྤྱིར་རྒྱུ་རྐྱེན་གཉིས་འབྲས་བུ་གསུམ་དུ་དྲིལ་ནས་ངོ་སྤྲོད་པ་དང་། བྱེ་བྲག་དུ་རྒྱུད་[རྒྱུ་]ཆོས་གཉིས་མི་འགྱུར་བར་ངོ་སྤྲད་པ་དང་། བསམ་མི་ཁྱབ་བཞི་ལ་ངོ་སྤྲོད་མཛད་དོ།། ཕྱིས་གཉིད་སད་པ་དང་ཆོས་འགའ་སེམས་ལ་བྱུང་ཡང་མ་དགའ་[རྒ་]བ་ལས། འཕགས་པ་དངོས་ཀྱི་ཐུགས་རྗེས་བཟུང་ཀྱང་ང་ལ་ཆོས་འཛིན་པའི་ནུས་པ་མེད་དོ་སྙམ་མོ།། དེ་ནས་སྔར་སྐོར་བ་བྱེད་པའི་མཆོད་རྟེན་གཅིག་ལ། འོད་སྔ་ན་མེད་པ་དེ་ནས་བྱུང་ངོ་།། དེ་ནས་གདམས་ངག་ཡོད་དམ་སྙམ་ནས་ཕྱེ་བས་བྱུང་ངོ་།། པཎྜི་ཏ་ཨ་ནནྟ་ཀིརྟི་[གྷིར་ཏི་]དང་། དེས་བསམ་པས་ང་རྒྱས་པས་ངའི་སློབ་མ་ཨ་ཀར་ར་ཤན་དེ་བ་ལ་གཏད་དོ་སྙམ་ནས། དེས་ཁ་ཆེར་བྱོན་པ་དང་བླ་མ་སཛྫན[སད་ཛ་ན]ས་བསྙེན་བཀུར་མང་དུ་བྱས་པས། ང་སྤྲང་པོ་གཅིག་ལ་ཁྱོད་རེ་ལྟོས་ཅི་ཡོད་གསུངས་སོ།། དེས་རྒྱུད་བླ་མའི་གདམས་ངག་དང་ཆོས་དང་ཆོས་ཉིད་ཀྱི་གདམས་ངག་ཡོད་མཆིས་པ་ཞུ་བྱས་པ་དང་། ཁྱེད་པཎྜི་ཏ་བྱ་བ་ང་རྒྱལ་ཆེ་བ་ཡིན་པས། སེམས་ཉིད་འོད་གསལ་དུ་ངོ་སྤྲོད་དུ་མི་བཏུབ་མཆིའོ།། འོ་ན་ང་རྒྱལ་ཇི་ལྟར་གཅག་ཞུས་པས། ཁྱོད་ཀྱིས་བྱམས་པའི་ཆོས་ལྔ་ཤེས་སོ་སྙམ་སྟེ་དོན་གཅིག་ཀྱང་མི་ཤེས་སོ་ཞེས་གསུངས། ཆོས་གཏམ་བྱས་པས་ང་རྒྱལ་ཆག་གོ། དེ་ནས་གནང་ངོ་།། དེས་(ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་ལོ་ཙཱ་བ་)གཟུ་དགའ་[རྒ་]བའི་རྡོ་རྗེ་ལ་བཤད། དེས་སྤུ་རངས་ཐོ་ལིང་གསེར་ཁང་གི་དགེ་ཚུལ་དྲི་མེད་ཤེས་རབ་ཀྱིས་སྔར་ནས་འདི་མཁྱེན་པར་མཛོད་ཅིག་བྱས་ནས་ཞུས་སོ།། དགེ་ཚུལ་དེས་ལ་སྟོད་ལྷོ་པ་གཅིག་ལ་གནང་། དེས་དོ་པ་སྙན་ལ་གནང་། དེ་བླ་མ་སྣར་པ་(བརྒྱད་པར་བྱོན་པ་)ལ་ '''(༥ ན་)'''གནང་། དེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་(ཟེའུ་)ལ་གནང་པའོ།། ཨཱིཐཱི། ཕྱག་དཔེ་ལས་བྲིས་ཏེ་དགེའོ།། དབེན་གནས་སྣར་ཐང་དུ་ཞུས་ཤིང་བྲིས་ཏེ་ཞུས་དག་པར་བྱས་སོ།།
ཆོས་འདིའི་ལོ་རྒྱུས་ནི་པནྜིཏ་ཆེན་པོ་བྱམས་(རྒྱལ་བ་བྱམས་པའི་་ཆོས་༢་ཡོད་པའི་)པའི་མགོན་པོ་ཞེས་བྱ་བ་མ་ག་དྷའི་དགོན་པ་གཅིག་ན་བཞུགས་པ་ལ། རྨི་ལམ་(༥ ན་)དུ་ (བཙུན་པ་གདུགས་དཀར་པོ་གཅིག་ཕུབ་ནས་ལྷའི་འཁོར་མང་པོ་དང་འདུག་)ཙན་དན་གྱི་མཆོད་རྟེན་ཁྲི་འཕང་བཞི་པ་གཅིག་གི་ནང་དུ་རྒྱུད་བླ་མ་དང་། ཆོས་ཉིད་ཀྱི་གདམས་ངག་གཉིས་བཅུག་ནས་བྱམས་པ་དངོས་ཀྱིས་ངོ་སྤྲོད་བྱས་ཏེ། སྤྱིར་རྒྱུ་རྐྱེན་གཉིས་འབྲས་བུ་གསུམ་དུ་དྲིལ་ནས་ངོ་སྤྲོད་པ་དང་། བྱེ་བྲག་དུ་རྒྱུད་[རྒྱུ་]ཆོས་གཉིས་མི་འགྱུར་བར་ངོ་སྤྲད་པ་དང་། བསམ་མི་ཁྱབ་བཞི་ལ་ངོ་སྤྲོད་མཛད་དོ།། ཕྱིས་གཉིད་སད་པ་དང་ཆོས་འགའ་སེམས་ལ་བྱུང་ཡང་མ་དགའ་[རྒ་]བ་ལས། འཕགས་པ་དངོས་ཀྱི་ཐུགས་རྗེས་བཟུང་ཀྱང་ང་ལ་ཆོས་འཛིན་པའི་ནུས་པ་མེད་དོ་སྙམ་མོ།། དེ་ནས་སྔར་སྐོར་བ་བྱེད་པའི་མཆོད་རྟེན་གཅིག་ལ། འོད་སྔ་ན་མེད་པ་དེ་ནས་བྱུང་ངོ་།། དེ་ནས་གདམས་ངག་ཡོད་དམ་སྙམ་ནས་ཕྱེ་བས་བྱུང་ངོ་།། པཎྜི་ཏ་ཨ་ནནྟ་ཀིརྟི་[གྷིར་ཏི་]དང་། དེས་བསམ་པས་ང་རྒྱས་པས་ངའི་སློབ་མ་ཨ་ཀར་ར་ཤན་དེ་བ་ལ་གཏད་དོ་སྙམ་ནས། དེས་ཁ་ཆེར་བྱོན་པ་དང་བླ་མ་སཛྫན[སད་ཛ་ན]ས་བསྙེན་བཀུར་མང་དུ་བྱས་པས། ང་སྤྲང་པོ་གཅིག་ལ་ཁྱོད་རེ་ལྟོས་ཅི་ཡོད་གསུངས་སོ།། དེས་རྒྱུད་བླ་མའི་གདམས་ངག་དང་ཆོས་དང་ཆོས་ཉིད་ཀྱི་གདམས་ངག་ཡོད་མཆིས་པ་ཞུ་བྱས་པ་དང་། ཁྱེད་པཎྜི་ཏ་བྱ་བ་ང་རྒྱལ་ཆེ་བ་ཡིན་པས། སེམས་ཉིད་འོད་གསལ་དུ་ངོ་སྤྲོད་དུ་མི་བཏུབ་མཆིའོ།། འོ་ན་ང་རྒྱལ་ཇི་ལྟར་གཅག་ཞུས་པས། ཁྱོད་ཀྱིས་བྱམས་པའི་ཆོས་ལྔ་ཤེས་སོ་སྙམ་སྟེ་དོན་གཅིག་ཀྱང་མི་ཤེས་སོ་ཞེས་གསུངས། ཆོས་གཏམ་བྱས་པས་ང་རྒྱལ་ཆག་གོ། དེ་ནས་གནང་ངོ་།། དེས་(ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་ལོ་ཙཱ་བ་)གཟུ་དགའ་[རྒ་]བའི་རྡོ་རྗེ་ལ་བཤད། དེས་སྤུ་རངས་ཐོ་ལིང་གསེར་ཁང་གི་དགེ་ཚུལ་དྲི་མེད་ཤེས་རབ་ཀྱིས་སྔར་ནས་འདི་མཁྱེན་པར་མཛོད་ཅིག་བྱས་ནས་ཞུས་སོ།། དགེ་ཚུལ་དེས་ལ་སྟོད་ལྷོ་པ་གཅིག་ལ་གནང་། དེས་དོ་པ་སྙན་ལ་གནང་། དེ་བླ་མ་སྣར་པ་(བརྒྱད་པར་བྱོན་པ་)ལ་ '''(༥ བ་)'''གནང་། དེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་(ཟེའུ་)ལ་གནང་པའོ།། ཨཱིཐཱི། ཕྱག་དཔེ་ལས་བྲིས་ཏེ་དགེའོ།། དབེན་གནས་སྣར་ཐང་དུ་ཞུས་ཤིང་བྲིས་ཏེ་ཞུས་དག་པར་བྱས་སོ།།
}}
}}

Revision as of 02:18, 22 January 2021

ཐེག་ཆེན་རྒྱུད་བླ་མའི་གདམས་པ།
theg chen rgyud bla ma'i gdams pa
Instructions on "The Ultimate Continuum of the Mahāyāna"
SOURCE TEXT

Back to text page ·   Switch to: Tibetan


ཐེག་ཆེན་རྒྱུད་བླ་མའི་གདམས་པ་བཞུགས་སོ།།

༄༅། །འོད་གསལ་སྙིང་པོའི་དོན་སྟོན་ཞིང་། །རྣམ་རྟོག་བག་ཆགས་ཀུན་འཇོམས་པ། །མི་ཕམ་[འཕམ་]མགོན་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་ཡུལ་དབུས་ཀྱི་ཕྱོགས་སུ་པཎྜི་ཏ་བྱམས་པའི་མགོན་པོ་ཞེས་བྱ་བ། ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་ཅིང་བཞུགས་པའི་ཚེ། འཇིག་རྟེན་འཛམ་བུའི་གླིང་ན་ང་ལས་མཁས་པ་མེད་སྙམ་ནས་ང་རྒྱལ་ཆེ་བར་འགྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་རྗེ་བཙུན་རྒྱལ་བ་བྱམས་པའི་ཐུགས་ཀྱི་དགོངས་པས་འདིའི་ང་རྒྱལ་གཅག་སྙམ་དུ་ཐུགས་རྗེ་ཞུགས་ཏེ། རྨི་ལམ་དུ་ཁྲི་མཐོན་པོ་གཅིག་བརྩིགས་པའི་སྟེང་དུ་མི་གདུགས་དཀར་པོ་ཕུབ་པ་འཁོར་ལྷའི་བུ་མང་པོས་བསྐོར་བ་གཅིག་གིས་བཞུགས་ཏེ། ཁྱོད་ཆོས་མཁས་པ་ཡིན་ན་སྲོག་གཅོད་པའི་གོ་བ་ཤེས་སམ་དྲིས་སོ།། ངས་ཤེས་བྱས་པས་སྡེ་པ་མང་པོ་ཅིག་གི་མིང་བྱུང་བས་མགོ་འཐོམས་སོ།། ཁྱོད་ཀྱི་ཡང་དག་པའི་ཆོས་རྡུལ་ཙམ་ཡང་མི་ཤེས་སོ་ཞེས་གསུངས་པས་ང་རྒྱལ་མེད་པར་ཆག་གོ། འོ་ན་ཆོས་གཅིག་ཞུ་བྱས་པས་ངས་འཛམ་བུའི་གླིང་ན་ཆོས་ལྔ་བཤད་ཡོད་པས་གདམས་ངག་གཅིག་གདབ་ཅེས[༡]་གསུངས་ནས། གནས་ལུགས་ཉམས་སུ་ལེན་པ་རྒྱུད་བླ་མའི་གདམས་པ་སྤྱིར་རྒྱུ་རྐྱེན་འབྲས་བུ་གསུམ་དུ་དྲིལ། བྱེ་བྲག་ཏུ་བསམ་མི་ཁྱབ་བཞིས་ཡིད་ཆེས་སུ་ངོ་སྤྲོད་དེ་གསུངས་པ། འདི་རྨི་ལམ་ཡིན་པས་ཆུ་དང་གཡང་ལ་མཆོངས་ལ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཁྱོད་ཀྱིས་ངོ་ཤེས་པར་གྱིས་གསུངས་སོ།། ཆུར་མཆོངས་པས་རྨི་ལམ་དུ་ངོ་ཤེས་ནས་རྨི་ལམ་གྱི་དྲན་པ་བསྐུལ་ནས་གདམས་ངག་ཐམས་ཅད་དེར་ངོ་སྤྲད་ནས་ཕུང་པོ་སྒྱུ་མ་ལྟར་རྟོགས་པ་ཤར་རོ།། དེ་ནས་རྨི་ལམ་མེད་པ་ལ་དེ་ལྟར་སྣང་བ་འདི་ཅི་ཡིན་ཤེས་སམ་གསུངས། མི་ཤེས་བྱས་པས་སེམས་རང་བཞིན་གྱིས་དག་པ་ལ་རྟོག་པའི་འཁོར་བ་འབྱུང་བ་བསམ་གྱིས་མི་ཁྱབ་པར་ངོ་སྤྲད་པ་ཡིན་ཏེ། འཇིགས་པ་དང་ཞེན་པ་ཆོད་ལ་མེར་མཆོངས་ཤིག་ཅེས་གསུངས་སོ།། (༡ བ་)མཆོངས་པས་ལུས་ནམ་མཁའ་ལ་ཐིམས་ཏེ་ཅི་ཡང་མ་དམིགས་པའི་བདེ་བ་ཆེན་པོའི་རིག་པ་ཙམ་ཉམས་སུ་མྱོང་ངོ་། དེའི་ཚེ་ནམ་མཁའ་ལ་སྒྲ་གཅིག་བྱུང་སྟེ། ད་ཅིའི་མེ་དང་འཇིགས་པ་རྣམས་གར་སོང་སོམས་དང་ཞེས་བསྒྲགས་སོ།། དེའང་རྨི་ལམ་ཡིན་པས་གཞི་ནས་མེད་པ་ལ་འགྲོ་འོང་མེད་དོ་སྙམ་དུ་རིག་པ་སྐྱེས་སོ།། དེའི་ཚེ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ་ཞེས་སྔ་མའི་མི་དེ་ནམ་མཁའ་ལ་བྱུང་ངོ་།། དེ་ནས་རང་ལུས་བྱུང་ངོ་། དེ་ནས་སྣང་བ་ཐམས་ཅད་བྱུང་ངོ་།། འདི་ཅི་ཡིན་པར་འདུག་གསུངས་པས། འདི་ཐམས་ཅད་རྨི་ལམ་དུ་གདའ་ཞུས་སོ།། དེ་གང་ནས་བྱུང་གསུངས། བསམས་པས་རྨི་ལམ་ཡིན་པ་ལ་གཞན་ནས་འབྱུང་བ་མེད་དེ་ནམ་མཁའ་ལས་བྱུང་བྱས་སོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་པའི་སེམས་ལས་བྱུང་བར་གོ་བར་བྱོའོ་གསུངས་སོ།། དེའི་ཚེ་སེམས་རང་བཞིན་གྱིས་དག་པ་ལ་ཉོན་མོངས་བློ་བུར་སྐྱེ་བ་བསམ་མི་ཁྱབ་དུ་ངོ་སྤྲོད་དོ།། ཁྱོད་ཀྱི་ལུས་མེར་མཆོངས་པའི་ཚེ་གར་སོང་ཆ་མེད་པ་ལྟར། ཉོན་མོངས་པ་བློ་བུར་བ་དག་ནས་སངས་རྒྱས་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་ངོ་སྤྲོད་དོ། ཁྱོད་ཀྱི་ལུས་ནམ་མཁར་ཐིམ་པ་དང་། དང་པོ་འཇིགས་པ་དང་བཅས་པ་དང་། རྨི་ལམ་ཡིན་པར་ངོ་ཤེས་པ་དང་། ཁྱད་པར་མེད་པར་ངོ་བོ་གཅིག་ཏུ་ངོ་ཤེས་པ། སངས་རྒྱས་དང་སེམས་ཅན་ཡོན་ཏན་དབྱེ་བ་མེད་པའི་བསམ་མི་ཁྱབ་ཡིན་ནོ་ཞེས་ངོ་སྤྲོད་དོ།། ངས་རྟོག་པ་མེད་པའི་ཡེ་ཤེས་ཁྱོད་ལ་བསྐྱེད་པ་དེ་ནི་རྒྱལ་བའི་མཛད་པ་རྟོག་པ་མེད་པ་དང་། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པ་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་སོ།། བསམ་མི་ཁྱབ་བཞིའི་ཡིད་ཆེས་སུ་དེར་སྐྱེས་སོ།། བསམ་མི་ཁྱབ་ཀྱི་བརྒྱུད་པ་རྫོགས་སོ།། ༈ བླ་མ་རྣམས་ལ་ཕྱག་འཚལ་ལོ།། སེམས་ཀྱི་རང་བཞིན་མ་རྟོགས་པས་རྣམ་པར་རྟོག་པ་བློ་བུར་བ་འབྱུང་། དེ་ལས་ཉོན་མོངས་པ་འབྱུང་། དེ་ལས་ལས་འབྱུང་། དེ་ལས་སྐྱེ་བ་འབྱུང་། དེ་ལས་ན་བ་དང་རྒ་བ་དང་འཆི་ (༢ ན་) བ་འབྱུང་ངོ་།། སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་རྟོགས་ན་སྡུག་བསྔལ་ཐམས་ཅད་རྩ་བ་ནས་ལྡོག་པ་ཡིན་ནོ།། དེ་མི་རྟོགས་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་སྔོན་དུ་སོང་བའི་འཇུག་སྒོ་དྲུག་གི་ཡུལ་ལ་ཞེན་པས། ཆོས་ཉིད་ཀྱི་གགས་བྱས། བག་ལ་ཉལ་ལས་རྩ་བ་སེམས་མ་རྟོགས་པས་ཐ་དད་དུ་བཟུང་པས་ཡེ་ཤེས་གགས་བྱས་། སེམས་ཀྱི་ངོ་བོ་ཡང་དག་པའི་མཐའ་ལ་འདུས་བྱས་སུ་ཞེན་པས་ཡིད་ལ་བརྟེན་ཏེ་བདག་ཏུ་བཟུང་། ཤེས་རབ་རྟེན་མེད་རྟོགས་པའི་གགས་བྱས། ཡིད་ཡུལ་དང་ཕྲད་པས་བག་ཆགས་སད་དེ། རྣམ་ཤེས་ལ་ཆགས་སྡང་གི་ཉོན་མོངས་པས་གོས་སོ།། སེམས་རྣམ་པར་གྲོལ་བའི་གགས་བྱས་སོ།། དེའི་རྩ་བ་མི་གནས་པའི་རྩ་བ་རྟོགས་པའི་རྒྱུ་རུ་ངོ་སྤྲོད་པ་ནི། ཤེས་རབ་ཀྱིས་རང་གི་སེམས་ཀྱི་རང་བཞིན་རྒྱུ་ལས་དང་ཉོན་མོངས་པའི་འབྲས་བུར་མི་གནས་པར་ཡིད་ལ་བྱས་པས་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་དང་ངོ་སྤྲོད་དོ།། སྙིང་རྗེས་སེམས་ཅན་གཞན་གྱི་སེམས་ཀྱི་རང་བཞིན་དེ་མ་རྟོགས་པར་ཡིད་ལ་བྱས་པས་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་དང་ངོ་སྤྲོད་དོ།། རྟོག་པའི་རྒྱུ་དག་པའི་རྩ་བར་ངོ་སྤྲོད་པ་ནི། ཤེས་རབ་ཀྱིས་རང་གི་སེམས་འོད་གསལ་ཞི་བར་[༤ར]ཡིད་ལ་བྱས་པས་ཇི་ལྟ་བ་རྟོགས་པ་དང་ངོ་སྤྲོད་དོ།། སྙིང་རྗེ་ཡིས་གཞན་གྱིས་དེ་མ་རྟོགས་པར་ཡིད་ལ་བྱས་པས་ཇི་སྙེད་པ་རྟོགས་པ་དང་ངོ་སྤྲོད་དོ།། སྐྱེ་འཇིག་སྙིང་པོ་མེད་པའི་རྩ་བ་འོད་གསལ་དུ་ངོ་སྤྲོད་པ་ནི། སེམས་རང་བཞིན་རྟེན་མེད། ནམ་མཁའ་ལྟར་གཞི་མེད་དུ་བཞག་པ། རྟོག་མེད་དམིགས་བྲལ་དུ་བཞག་པ། འདུས་མ་བྱས་ལྷུན་གྲུབ་ཏུ་བཞག་པའི་ངོ་སྤྲོད་གསུམ་བྱའོ།། ངོ་སྤྲོད་པའི་གདམས་པའི་ཆུ་རྒྱུན། འཕྲལ་འཁྲི་མཁས་གཏིང་རིང་བ་། ཞེན་པ་ཐག་པ་གང་བྱུང་ཆོད་གསུངས་ནས་བཞུད་དོ།། ཡང་མཛེས་པ་རྒྱན། ལམ་དུ་འཇུག་པ་སྣང་བ། བསམ་པ་སྙིང་རྗེ་སྦྱོར་བ་ལས་སོ་གསུངས་སོ།། (༢ བ་) བྱང་ཆུབ་ཀྱི་སེམས་ལྷག་པའི་བསམ་པས་འདུན་པ་ཡངས[ཡང་]། མི་དགེ་བ་སྤོང་པས་བརྩོན་འགྲུས་ཡངས[ཡང་]། སྙིང་རྗེ་ཐོབ་པས་སེམས་ཡངས[ཡང་]། ཐབས་ལ་མཁས་པའི་ཡེ་ཤེས་ཐོབ་པས་སྤྱོད་པ་ཡངས[ཡང་]། རྫུ་འཕྲུལ་གྱི་རྐང་པ་བཞིས་བྱང་ཆུབ་བསྒྲུབས་པས་ཚེ་ལུས་ཆོས་དང་བྱིན་རླབས་ཀྱི་དབང་བཞི་ཐོབ་པའོ།། རིན་ཆེན་ལྟ་བུའི་གདམས་པ་ནི། ཡོངས་སུ་རྫོགས་པར་མཁྱེན་ལ་བྱིན། བླ་མའི་དམ་ཚིག་བཞིན་དུ་སྦ་བར་མཛོད།། ཨཱི་ཐཱི། དུས་གསུམ་སངས་རྒྱས་ཀུན་གྱི་གཙོ།། བླ་མའི་ཞབས་ཀྱི་པད་མར་འདུད།། སེམས་ཀྱི་རང་བཞིན་འོད་གསལ་འདི།། དུས་གསུམ་སངས་རྒྱས་ཀུན་དང་(བཟང་ངན་)མཉམ།། (དཔེ་) ནམ་མཁའི་ཁམས་ལ་སྐྱེ་འཇིག་མེད།། (འོ་ན་སྡུག་བསྔལ་མྱོང་བ་ཅི་ཞེ་ན།) རང་སེམས་སངས་རྒྱས་སྙིང་པོ་འདི།། འཁོར་བའི་སྐྱེ་འཆི་མིང་ཡང་མེད།། ཐོག་མེད་འཁོར་བའི་དུས་ཉིད་ནས།། སེམས་ (འོ་ན་ཉོན་མོངས་པ་ཅི་) ཀྱི་རང་བཞིན་དྲི་མེད་འདི།། ཉོན་མོངས་སྦུབས་དང་མ་འབྲེལ་བ།། སྙིང་པོ་དགུའི་དཔེ་ཡིས་བསྟན།། (འོ་ན་རྟོག་པ་སྐྱེ་བ་ཅི་) གཟུགས་ལ་ནམ་མཁའ་ཁྱབ་པ་བཞིན།། ཆོས་སྐུས་སེམས་ཅན་ཀུན་ལ་ཁྱབ།། དུས་གསུམ་རྒྱུན་ཆད་མེད་པར་ཡང་།། རྟོག་པས་རང་བཞིན་མི་འགྱུར་བ།། སེམས་(དཔེ་ལྟར་)ཀྱི་ཆོས་ཉིད་དེ་བཞིན་ཉིད།། འགྲོ་ཀུན་དེའི་སྙིང་པོ་ཅན།། (སེམས་ཀྱི་དོན་ཅི་ཡིན་ཞེ་ན་) རང་བྱུང་ཡེ་ཤེས་ཞེས་བྱ་སྟེ།། (རང་བྱུང་གི་ཡེ་ཤེས་ངོས་འཛིན་པ་ནི་) ཆོས་ཉིད་གསལ་ལ་ངེས་གཟུང་མེད།། འདུ་ཤེས་འཛིན་པ་བྲལ་བའི་དུས།། དུས་གསུམ་སངས་རྒྱས་རང་དང་གཅིག། སེམས་ཀྱི་རང་བཞིན་འོད་གསལ་འདི།། ནོར་བུ་འདམ་དུ་བཅུག་པ་བཞིན།། ངོ་བོ་སངས་རྒྱས་སྙིང་པོ་འདི།། རང་བྱུང་ཡེ་ཤེས་གདོད་ནས་གནས།། རང་སེམས་སངས་རྒྱས་སུ་ངོས་གཟུང་བའི་པྲ་ཁྲིད་དང་པོའོ།། (གཞི་)ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། རང་བྱུང་ཡེ་ཤེས་རང་བཞིན་གནས།། (རྒྱུ་ཅིས་སྔོན་ན་)ལྷན་ཅིག་སྐྱེས་པའི་མ་རིག་པར།། རང་ངོ་རང་གི་མ་ཤེས་ཏེ།། རྟོག་(ངོ་བོ་ནི་)པའི་ཡིད་དུ་འགྱུས་པ་དང་།། སྣང་(སྣང་བ་ལ་དཀྲུགས་པ་ལ་)བ་ལ་བདེན་འཛིན་ཤར་བ་འདི།། (རྒྱུ་)ཀུན་བཏགས་[བརྟགས་]ཀྱི་མ་རིག་པས་ཆགས་(ཞེན་པ་སྐྱེས་ངེས་)སྡང་སྐྱེ།། (རྐྱེན་)དགེ་སྡིག་གཉིས་ཀྱི་ལས་བསགས་ནས། (༣ ན་) ཆོས་སྐུ་ཡིན་མོད་ཀྱི།། (འབྲས་བུ་ངན་སོང་)རིས་དྲུག་འཁོར་བའི་གནས་དག་ཏུ།། སྐྱེ་འཆི་རྒྱུན་ཆད་མེད་པར་མྱོང་།། སེམས་ཅན་དང་འཁོར་བའི་མིང་གིས་གདགས།། (བཅིངས་ལུགས་)སྣོད་དང་བཅུད་གཉིས་སྣང་བར་ཤར།། བདེན་(མི་བདེན་)རྫུན་ཞེན་པས་སེམས་རྒྱུད་བཅིངས།། (རང་ངོ་མ་ཤེས་)རྟོག་པས་སེམས་ཅན་དུ་འཁྲུལ་པའི་པྲ་ཁྲིད་གཉིས་པའོ།། ༈ (སྡུག་བསྔལ་འཁྲུལ་པ་ཡིན་)བློ་བུར་འཁྲུལ་པའི་རྣམ་རྟོག་འདིས།། རང་བཞིན་འོད་གསལ་མ་རྟོགས་ཏེ།། ཉེས་པ་བློ་བུར་དང་ལྡན་པས།། སྡུག་བསྔལ་གྲངས་མེད་མྱོང་བར་བརྟགས་།། སེམས་ཀྱི་རང་བཞིན་འོད་གསལ་འདི།། རིན་ཆེན་འདམ་དུ་བཅུག་པ་བཞིན།། ངོ་བོ་སངས་སྙིང་པོ་འདི།། རང་བྱུང་ཡེ་ཤེས་གདོད་ནས་གནས།། (རྟོག་པ་གོས་སྙམ་ན་)འོན་ཀྱང་ནོར་བུ་རིན་ཆེན་དེ།། འདམ་དུ་ལོ་སྟོང་གནས་གྱུར་ཀྱང་།། འདམ་གི་ཉེས་པས་མི་གོས་ལྟར།། རང་སེམས་འོད་གསལ་དེ་དང་མཚུངས།། ས་དང་ཟངས་དང་གསེར་སྣོད་ལ།། ནམ་མཁས་ཁྱད་མེད་ཁྱབ་པ་བཞིན།། སེམས་ཅན་འཕགས་པ་སངས་རྒྱས་ལ།། ཆོས་སྐུས་ཁྱབ་པར་ཁྱད་པར་མེད།། (གང་ཟག་གསུམ་)གནས་སྐབས་གསུམ་རང་བཞིན་འོད་གསལ་ལ་བོགས་ཁྱད་པར་མེད་པའི་པྲ་ཁྲིད་གསུམ་པའོ།། ༈ སྙིང་པོ་རང་(བྱུང་)བཞིན་ཡེ་ཤེས་འདི།། ཡོད་ཀྱང་རང་ངོ་མ་ཤེས་པ།། དུས་གསུམ་སངས་རྒྱས་ཀུན་གྱི་གཙོ།། གཞུང་དང་མན་ངག་འཆད་པ་ཡི།། བླ་མ་སངས་རྒྱས་ཀུན་གི་རྗེ།། དུས་གསུམ་རྒྱུན་དུ་གསོལ་བ་གདབ།། སྒྲུབ་པའི་མཆོད་པས་མཉེས་པར་བྱ།། ཡི་དམ་ལྷ་བས་གཉེན་པར་བཀུར།། (རྒྱུ་བཞི་འདོད་ཆེན་)འཁོར་བའི་སྣང་བ་སྒྱུ་མ་ལ།། རྟག་དུ་བདེན་པར་འཛིན་པ་དང་།། སྡུག་བསྔལ་རྩ་བ་ཕུང་པོ་ལ།། གཅེས་པར་ཞེན་པའི་བདག་འཛིན་དང་།། (ཉན་ཐོས་)རང་དོན་སྤངས་པའི་འཁོར་བ་ལ།། བདེ་བ་ཆེན་པོར་མ་རྟོགས་དང་།། (རང་རྒྱལ་)ཕན་སེམས་གཞན་དོན་སྤངས་པ་ཡི།། ལམ་མཆོག་སྙིང་རྗེ་མེད་དང་བཞི།། འོད་གསལ་ངོ་སྤྲོད་མ་རུང་ཞེས།། ས་བཅུའི་དབང་ཕྱུག་བྱམས་པས་གསུངས།།(༣ བ་) འོད་གསལ་རང་བྱུང་གི་ཡེ་ཤེས་ངོ་སྤྲོད་པའི་བླ་མ་སངས་རྒྱས་སུ་ཡིད་ཆེས་པའི་པྲ་ཁྲིད་དང་པའོ།། (སངས་རྒྱས་ནི་)རང་སེམས་བདེ་གསལ་རྟོགས་པ་ཡིས།། རྟོག་པ་དྲི་མ་ཞི་བའི་དུས།། རང་བྱུང་ཡེ་ཤེས་ཤར་བ་ནི།། སངས་རྒྱས་ཞེས་བྱ་ཐུགས་རྗེ་ཅན།། (ཆོས་ནི་)འོད་གསལ་དོན་རྟོགས་བློ་ལས་གྲོལ།། ལས་དང་ཉོན་མོངས་རྟོག་པ་ཞི།། ཉོན་མོངས་རང་སར་དག་པ་ཡིས།། གཉེན་པོ་རང་བྱུང་ཡེ་ཤེས་གསལ།། དོན་དེ་འགོག་པ་ལམ་ཡིན་ཏེ།། སྡུག་བསྔལ་སྐྱོབ་པའི་ཆོས་ལ་འདུད།། (དགེ་འདུན་ནི་)སེམས་ཀྱི་རང་བཞིན་འོད་གསལ་བས།། རྣམ་རྟོག་ངོ་བོ་གཞི་ནས་མེད།། སེམས་ཅན་ཀུན་གྱི་སེམས་རྒྱུན་ལ།། དྲི་མེད་སངས་རྒྱས་སྙིང་པོར་རྟོགས།། ཤེས་རབ་སྙིང་རྗེས་ཕྱིར་མི་ལྡོག། ས་ཐོབ་དབང་ཕྱུག་ཞབས་ལ་འདུད།། ཀུན་རྫོབ་བརྡའི་སྐྱབས་འགྲོ་འདིས།། གནས་སྐབས་ལམ་གྱི་བར་ཆད་བསལ།། (དམ་པའི་དོན་དུ་)དོན་དམ་རང་སེམས་སངས་རྒྱས་ལ།། ཞེན་མེད་ཆོས་སྐུར་གསོལ་བ་གདབ།། ཐེག་པ་གསུམ་གྱི་དགེ་འདུན་ཡང་།། ཆོས་སྐུ་དག་པར་གཅིག་ཏུ་འདུས།། རྣམ་རྟོག་རྩད་ནས་ཆོད་པ་ཡིས།། འཁོར་བའི་སྡུག་བསྔལ་གཏན་ནས་སྐྱོབ།། རྡོ་རྗེའི་གནས་གསུམ་འབྲས་བུ་གཞུང་གི་པྲ་ཁྲིད་གཉིས་པའོ།། ༈ ཆོས་སྐུ་དེ་བཞིན་ཉིད་དང་རིགས།། རང་(ཁམས་)བཞིན་ཆོས་ཉིད་འོད་གསལ་ནི།། རང་བྱུང་ཡེ་ཤེས་ཉིད་དུ་གཅིག། ངོ་སྤྲོད་དངོས་གཞི་རྗེས་གསུམ་དུ།། རྣམ་ཏོག་ངོས་གཟུང་མེད་པར་ལྟོས།། རྟགས་ཀྱིས་ཟིན་པ་(ཅེས་པས་འཁོར་བ་ལ་ཞེན་པ་ལོག་པ་)ཤིན་ཏུ་གཅེས།། མེས་ཚིག་རྨ་ལ་ཁ་བ་བཞིན།། ལུས་དང་ལོངས་སྤྱོད་བདེ་བ་ལས།། མི་རྟག་འགྱུར་བས་སྡུག་བསྔལ་བས།། ལྷ་དང་མི་ལ་བདེ་བ་མེད།། ཞེན་པ་མེད་པ་ཉམས་མྱོང་ཡང་།། འཁོར་བ་པ་ལ་སྙིང་རྗེ་འཆར།། འོད་གསལ་དྲི་མ་བྲལ་དུས་ན།། རང་བྱུང་ཡེ་ཤེས་ཆོས་སྐུ་ཡིན།། རྒྱ་མཚོ་(རྟགས་)ཆུ་ལ་རིན་ཆེན་མཛེས།། ས་བཅུ་སེམས་ཀྱི་ཆོས་ཉིད་ལ།། རང་སེམས་འོད་གསལ་རྟོག་པ་བྲལ།། རང་བྱུང་ཡེ་ཤེས་སངས་རྒྱས་འབྱུང་།། (ཆོས་ཉིད་མི་འགྱུར་བ་)ཉོན་མོངས་པ་དང་སྡུག་བསྔལ་གྱིས།། (འཕགས་པ་)འོད་གསལ་སེམས་ལ་མ་གོས་པ།། འཁྲུལ་རྟོག་རང་གིས་བརྟགས་པ་ཡི།། སྡུག་བསྔལ་ཁོ་ན་མྱོང་བ་ཡིན།། རང་སེམས་འོད་གསལ་(༤ ན་)རྟོགས་པ་ན།། འཁོར་བའི་སྡུག་བསྔལ་མིང་ཡང་མེད།། ཉོན་མོངས་སྐྱེས་པའི་སེམས་ལ་བརྟག། གཞི་མེད་བློ་བུར་ཤེས་པར་བྱ།། འཕགས་པའི་གང་ཟག་ཡིད་ལུས་ལ།། འཁོར་བའི་སྡུག་བསྔལ་རྩ་ནས་བྲལ།། ཟག་པ་མེད་པ་དག་པ་ཡིས།། སེམས་ཅན་རྣམས་ལ་སྙིང་རྗེ་ཆགས།། ཉོན་མོངས་རྟོག་པས་བཏགས་[བརྟགས་]པ་སྟེ།། རང་ལ་ཆགས་སྡང་ཅི་སྐྱེའི་དུས།། དེ་ལ་ཤེས་རབ་མིག་གིས་ལྟ།། དངོས་མེད་རང་གསལ་གཞི་རྩ་མེད།། འཕགས་པའི་ལམ་དང་ཤེས་པའི་རྒྱུད།། འདྲེས་པའི་(ལམ་གཙོ་)དྲོད་རྩེ་[རྩ་]ཞེན་པ་མེད།། ཆོས་དབྱིངས་འོད་གསལ་བའི་ཁམས་རང་བཞིན་རྣམ་པར་དག་པའི་པྲ་ཁྲིད་གསུམ་པའོ།། ༈ ནམ་མཁའི་(བྱང་ཆུབ་)རང་བཞིན་འོད་གསལ་ནི།། སྒྲིབ་པའི་སྤྲིན་དང་བྲལ་བའི་དུས།། རང་བྱུང་ཡེ་ཤེས་ཉི་མ་ཤར།། ཐུགས་རྗེས་གཞན་གྱི་སྒྲིབ་པ་སེལ།། ཆོས་སྐུ་དེ་བཞིན་ཉིད་དང་རིགས།། སྐུ་གསུམ་རང་ས་ཟིན་པ་ཡིས།། དབྱིངས་དང་ཡེ་ཤེས་སྤངས་པ་གསུམ།། དབྱེར་མེད་ངོ་བོར་རྫོགས་སངས་རྒྱས།། གདུལ་བྱའི་རྒྱུད་ཀུན་གྲོལ་བར་མཛོད།། རྟོག་བྲལ་ནམ་མཁའི་མཚན་ཉིད་འཛིན།། ཆོས་སྐུ་ཟབ་པའི་མཐར་ཐུག་པས།། ལོངས་སྐུ་ཡོན་ཏན་ཐམས་ཅད་རྫོགས།། སྤྲུལ་སྐུ་འགྲོ་དོན་ཐུགས་རྗེས་མཛད།། འགྲོ་ལ་ཕན་བདེ་རྟག་ཏུ་འཇུག། རྟོག་པའི་ཡུལ་མིན་བློ་ལས་འདས།། (ཡོན་ཏན་)སེམས་ཉིད་ཡིད་བཞིན་ནོར་བུ་འདི།། རྣམ་རྟོག་དྲི་མ་བྲལ་དུས་ན།། སྟོབས་བཅུའི་འོད་ཀྱིས་མ་རིག་འཛོམས།། མི་འཇིགས་དོན་གྱི་སེང་གེ་འདི།། མ་འདྲེས་ནམ་མཁའི་ཡོན་ཏན་དབྱིབས།། རང་དོན་ཆོས་སྐུ་རྫོགས་པ་ཡི།། གདུལ་བྱ་རང་རྒྱུད་དག་པ་ལ།། ཡེ་ཤེས་ཆེན་པོའི་རང་སྣང་ནི།། གཟུགས་སྐུ་སྣང་བ་རང་བཞིན་མེད།། ཡིད་བཞིན་ནོར་བུ་ལྟ་བུར་སྣང་།། ༈ སྐུ་གསུམ་(འཕྲིན་ལས་)ལྷུན་གྱིས་གྲུབ་པ་ཡི།། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱིས།། འགྲོ་བ་རང་སེམས་དྲི་མེད་ལ།།(༤ བ་) སངས་རྒྱས་འཕྲིན་ལས་སྣ་ཚོགས་བྱུང།། ལམ་ལྔ་རྒྱུད་ལ་བསྐྱེད་པར་མཛད།། འོན་ཀྱང་རྟོག་བྲལ་རིན་པོ་ཆེས།། འགྲོ་བའི་དོན་མཛད་འཕྲིན་ལས་འཇུག། རྣམ་རྟོག་བློ་བུར་གྱི་དྲི་མ་དང་བྲལ་བའི་པྲ་ཁྲིད་བཞི་པའོ།། ༈ ལས་དང་ཉོན་མོངས་སྡུག་བསྔལ་གསུམ།། གཞི་མེད་རང་བཞིན་སྟོང་པར་གསུངས།། སངས་རྒྱས་སྙིང་པོ་ཁམས་ཡོད་དུ།། རྒྱལ་བས་གསུངས་པའི་དགོངས་པ་ཡིས།། རང་(ཞུམ་པ་)སེམས་སངས་རྒྱས་རྒྱུ་མིན་ན།། (ལས་ཀྱི་དགོས་)ལམ་ལ་འབད་པར་མི་གྲོལ་ཞིང་།། རང་སེམས་རང་བྱུང་ཡེ་ཤེས་ཉིད།། དུས་གསུམ་སངས་རྒྱས་རྒྱུ་ཡིན་པར།། རྟོགས་པས་བྱང་ཆུབ་ཐོབ་པ་ཡི།། ལམ་ལ་འབད་རྩོལ་སྤྲོ་བ་བསྐྱེད།། (མཉེས་པ་)ཀུན་རྫོབ་བྱང་ཆུབ་སེམས་ལྡན་པས།། གཞན་ལ་མཉེས་པའི་བློ་དང་ལྡན།། (གུས་པ་)ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། རང་བྱུང་ཡེ་ཤེས་མ་བཅོས་པར།། ཡིད་བཞིན་ནོར་བུ་ཡོན་ཏན་བཞིན།། རྟག་ཏུ་སངས་རྒྱས་ཉིད་དུ་གནས།། (ཉེས་པ་འཛིན་པ་)ནད་དང་དབུལ་དང་སྤྱོད་པ་ཉམས།། སེམས་ཅན་རྣམས་སྐྱོན་གྲངས་ལས་འདས།། རྣམ་རྟོག་(རྟོག་པ་དངོས་མེད་)དངོས་མེད་ནམ་མཁའ་བཞིན།། བདེན་འཛིན་ཞེན་པ་མ་བྱེད་པར།། སེམས་ཉིད་རང་བྱུང་ཡེ་ཤེས་ཉིད།། རྣམ་རྟོག་ངོས་བཟུང་བྲལ་བར་ལྟོས།། (བདག་ཆགས་པ་)རྣམ་རྟོག་(རྦ་ཡོད་པ་)དངོས་པོར་ཞེན་པ་ཡིས།། རང་བྱུང་ཡེ་ཤེས་ཆེན་པོ་སྤངས།། རང་སེམས་འོད་གསལ་ཆོས་ཀྱི་སྐུ།། རྟོག་བྲལ་(ཡེ་ཤེས་རང་བཞིན་)རང་བཞིན་ཡེ་ཤེས་འདི།། བློས་བྱས་མ་ཡིན་སངས་རྒྱས་ཀྱི།། སྙིང་པོ་སེམས་ཀྱི་དོན་ལ་ལྟོས།། སངས་རྒྱས་ཀྱི་ཡེ་ཤེས་ཉིད།། རང་གི་བློ་ཡིས་མེད་པར་བྱས།། (བྱམས་པ་ཆེན་)བདག་དང་གཞན་གྱི་རྒྱུད་འདི་་་།། གཅིག་དང་དུ་མ་བྲལ་བ་ཡིས།། རང་བྱུང་ཡེ་ཤེས་གཞིར་གནས་པས།། དོན་མ་རྟོགས་པ་སྙིང་རྗེ་སྐྱེ།། མི་རྟོག་པའི་ཡེ་ཤེས་ཆེན་པོའི་པྲ་ཁྲིད་ལྔ་པ་རྫོགས་སོ།།(སྨན་ལ་སྤྲ་ཁྲིད་འདུག་པ་ལྟར་སྦྱར་བའི་གདམས་ངག་འདི་ཡིན་གསུང་།) ཨཱིཐཱི། ཆོས་འདིའི་ལོ་རྒྱུས་ནི་པནྜིཏ་ཆེན་པོ་བྱམས་(རྒྱལ་བ་བྱམས་པའི་་ཆོས་༢་ཡོད་པའི་)པའི་མགོན་པོ་ཞེས་བྱ་བ་མ་ག་དྷའི་དགོན་པ་གཅིག་ན་བཞུགས་པ་ལ། རྨི་ལམ་(༥ ན་)དུ་ (བཙུན་པ་གདུགས་དཀར་པོ་གཅིག་ཕུབ་ནས་ལྷའི་འཁོར་མང་པོ་དང་འདུག་)ཙན་དན་གྱི་མཆོད་རྟེན་ཁྲི་འཕང་བཞི་པ་གཅིག་གི་ནང་དུ་རྒྱུད་བླ་མ་དང་། ཆོས་ཉིད་ཀྱི་གདམས་ངག་གཉིས་བཅུག་ནས་བྱམས་པ་དངོས་ཀྱིས་ངོ་སྤྲོད་བྱས་ཏེ། སྤྱིར་རྒྱུ་རྐྱེན་གཉིས་འབྲས་བུ་གསུམ་དུ་དྲིལ་ནས་ངོ་སྤྲོད་པ་དང་། བྱེ་བྲག་དུ་རྒྱུད་[རྒྱུ་]ཆོས་གཉིས་མི་འགྱུར་བར་ངོ་སྤྲད་པ་དང་། བསམ་མི་ཁྱབ་བཞི་ལ་ངོ་སྤྲོད་མཛད་དོ།། ཕྱིས་གཉིད་སད་པ་དང་ཆོས་འགའ་སེམས་ལ་བྱུང་ཡང་མ་དགའ་[རྒ་]བ་ལས། འཕགས་པ་དངོས་ཀྱི་ཐུགས་རྗེས་བཟུང་ཀྱང་ང་ལ་ཆོས་འཛིན་པའི་ནུས་པ་མེད་དོ་སྙམ་མོ།། དེ་ནས་སྔར་སྐོར་བ་བྱེད་པའི་མཆོད་རྟེན་གཅིག་ལ། འོད་སྔ་ན་མེད་པ་དེ་ནས་བྱུང་ངོ་།། དེ་ནས་གདམས་ངག་ཡོད་དམ་སྙམ་ནས་ཕྱེ་བས་བྱུང་ངོ་།། པཎྜི་ཏ་ཨ་ནནྟ་ཀིརྟི་[གྷིར་ཏི་]དང་། དེས་བསམ་པས་ང་རྒྱས་པས་ངའི་སློབ་མ་ཨ་ཀར་ར་ཤན་དེ་བ་ལ་གཏད་དོ་སྙམ་ནས། དེས་ཁ་ཆེར་བྱོན་པ་དང་བླ་མ་སཛྫན[སད་ཛ་ན]ས་བསྙེན་བཀུར་མང་དུ་བྱས་པས། ང་སྤྲང་པོ་གཅིག་ལ་ཁྱོད་རེ་ལྟོས་ཅི་ཡོད་གསུངས་སོ།། དེས་རྒྱུད་བླ་མའི་གདམས་ངག་དང་ཆོས་དང་ཆོས་ཉིད་ཀྱི་གདམས་ངག་ཡོད་མཆིས་པ་ཞུ་བྱས་པ་དང་། ཁྱེད་པཎྜི་ཏ་བྱ་བ་ང་རྒྱལ་ཆེ་བ་ཡིན་པས། སེམས་ཉིད་འོད་གསལ་དུ་ངོ་སྤྲོད་དུ་མི་བཏུབ་མཆིའོ།། འོ་ན་ང་རྒྱལ་ཇི་ལྟར་གཅག་ཞུས་པས། ཁྱོད་ཀྱིས་བྱམས་པའི་ཆོས་ལྔ་ཤེས་སོ་སྙམ་སྟེ་དོན་གཅིག་ཀྱང་མི་ཤེས་སོ་ཞེས་གསུངས། ཆོས་གཏམ་བྱས་པས་ང་རྒྱལ་ཆག་གོ། དེ་ནས་གནང་ངོ་།། དེས་(ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་ལོ་ཙཱ་བ་)གཟུ་དགའ་[རྒ་]བའི་རྡོ་རྗེ་ལ་བཤད། དེས་སྤུ་རངས་ཐོ་ལིང་གསེར་ཁང་གི་དགེ་ཚུལ་དྲི་མེད་ཤེས་རབ་ཀྱིས་སྔར་ནས་འདི་མཁྱེན་པར་མཛོད་ཅིག་བྱས་ནས་ཞུས་སོ།། དགེ་ཚུལ་དེས་ལ་སྟོད་ལྷོ་པ་གཅིག་ལ་གནང་། དེས་དོ་པ་སྙན་ལ་གནང་། དེ་བླ་མ་སྣར་པ་(བརྒྱད་པར་བྱོན་པ་)ལ་ (༥ བ་)གནང་། དེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་(ཟེའུ་)ལ་གནང་པའོ།། ཨཱིཐཱི། ཕྱག་དཔེ་ལས་བྲིས་ཏེ་དགེའོ།། དབེན་གནས་སྣར་ཐང་དུ་ཞུས་ཤིང་བྲིས་ཏེ་ཞུས་དག་པར་བྱས་སོ།།