The Five Dharmas of Maitreya: Difference between revisions
From Buddha-Nature
No edit summary |
|||
Line 28: | Line 28: | ||
= Khenpo Shenga on The Five Treatises - Tibetan= | = Khenpo Shenga on The Five Treatises - Tibetan= | ||
།དེ་ལས་སྐབས་འདིར་འཕགས་པ་ཐོགས་མེད་ཀྱིས་རྒྱལ་ཚབ་ས་བཅུའི་དབང་ཕྱུག་ཆེན་པོ་ལས་གསན་ཅིང་འཛམ་བུའི་གླིང་དུ་དར་བར་མཛད་པའི་བྱམས་པའི་ཆོས་སྡེ་ལྔ་པོ་འདི་ནི། ཐེག་པ་ཆེན་པོ་མཐའ་དག་གི་དགོངས་པ་འགྲེལ་པའི་ཕྱིར་དུ་གསུངས་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་བསྟན་པའི་མདོ་སྡེ་རྣམས་ཀྱི་དགོངས་འགྲེལ་དུ་མངོན་པར་རྟོགས་པའི་རྒྱན། རྒྱ་ཆེ་བ་སྤྱོད་པའི་ཕྱོགས་བསྟན་པའི་མདོ་སྡེ་རྣམས་ཀྱི་དགོངས་འགྲེལ་དུ་མདོ་སྡེ་རྒྱན་དང་འབྱེད་གཉིས། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་སྡེ་རྣམས་ཀྱི་དགོངས་འགྲེལ་དུ་རྒྱུད་བླ་མ་བརྩམས་པར་མཛད་དོ། །གང་ཟག་གསུམ་རྗེས་སུ་འཛིན་པའི་ཕྱིར་ཡང་ཡིན་ཏེ། ཐེག་ཆེན་སེམས་ཙམ་པའི་གྲུབ་མཐའ་བསྟན་པས་འདུལ་བ་རྣམས་ལ་བྱམས་ཆོས་བར་པ་གསུམ། ཐེག་ཆེན་རང་རྒྱུད་པའི་གྲུབ་མཐའ་བསྟན་པས་འདུལ་བ་རྣམས་ལ་མངོན་པར་རྟོགས་པའི་རྒྱན། ཐེག་ཆེན་ཐལ་འགྱུར་བའི་གྲུབ་མཐའ་བསྟན་པས་འདུལ་བ་རྣམས་ལ་རྒྱུད་བླ་མའོ། །ཡང་ལོག་པར་རྟོག་པ་དྲུག་གི་གཉེན་པོ་ཡང་ཡིན་ཏེ། དངོས་པོར་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། དངོས་མེད་དུ་འཛིན་པའི་གཉེན་པོར་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པར་བྱས་ཏེ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་མཛད། མཐའ་བྲལ་གྱི་དོན་རེ་ཞིག་རྟོགས་པར་མི་ནུས་པ་རྣམས་ཀྱི་དབང་དུ་བྱས་ཏེ། དོན་ལ་སྒྲ་ཇི་བཞིན་དུ་འཛིན་པའི་གཉེན་པོར་དགོངས་ལྡེམ་དགོངས་དང་ངོ་བོ་ཉིད་གསུམ་སོགས་ཀྱིས་བསྟན་པ་དང་། རྒྱ་ཆེ་བའི་ཕྱོགས་ལ་མི་མོས་ཤིང་སེམས་ལས་ཆུང་ངུས་བདག་མེད་པ་ལ་གོམས་པར་འདོད་པའི་གཉེན་པོར་ཐབས་ཀྱི་ཕྱོགས་མཐའ་ཡས་པའི་སྒོ་བསྟན་པའི་མདོ་སྡེ་རྒྱན་སོགས་བར་པ་གསུམ་མཛད། སེམས་ཞུམ་པ་ལ་སོགས་པའི་ཉེས་པ་ལྔའི་གཉེན་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྟན་པ་དང་། དེ་ལྟར་ན་སྐྱོན་ཡོན་ལ་བྲི་འཕེལ་མེད་དོ་སྙམ་དུ་འཛིན་པའི་གཉེན་པོར་རྣམ་པར་བཞག་པ་དང་། དཔེ་དང་ཤིན་ཏུ་རྣམ་པར་དག་པའི་བྱང་ཆུབ་ལ་སོགས་པའི་དབྱེ་བ་བསྟན་པའི་སྒོ་ནས་རྒྱུད་བླ་མའི་བསྟན་བཅོས་མཛད་པ་ཡིན་ནོ། ། | |||
[http://www.lotsawahouse.org/bo/tibetan-masters/khenpo-shenga/prologue-abhisamayalankara-commentary Source: Lotsawa House] | [http://www.lotsawahouse.org/bo/tibetan-masters/khenpo-shenga/prologue-abhisamayalankara-commentary Source: Lotsawa House] | ||
<headertabs /> | <headertabs /> |